rKTs


H84

(e-text produced by ACIP)




175b
།།རྒྱ་གར་སྐད་དུ། ཨཱརྱ་པཱ་རི་ཀཱ་བི་མ་ལ་ཤྲད་དྷཱ་པ་རི་པྲྀཙྪ་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། བུ་མོ་རྣམ་དག་དད་པས་ཞུས་པ་ལེའུ་བཞི་བཅུ་པ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་ལྔ་བརྒྱ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱ་སྟོང་དང་ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་ཤེས་པར་བྱ་བ་རྣམས་རབ་ཏུ་ཤེས་པ། གཟུངས་དང ། ཐོགས་པ་མེད་པའི་སྤོབས་པ་ཐོབ་པ། བཟོད་པ་ཕུན་སུམ་ཚོགས་པ། བདུད་ཀྱི་དཔུང་རབ་ཏུ་བཅོམ་པ། དེ་བཞིན་གཤེགས་པ་རྣམས་ཀྱིས་བརྙེས་པའི་ཆོས་རྣམས་རབ་ཏུ་ཐོབ་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་འཇིག་རྟེན་འཛིན་དང ། བྱང་ཆུབ་སེམས་